当前位置: 首页 / 政务公开 / 基础信息公开 / 通告公示

林芝市市市场监督管理局关于维护市场价格秩序的提醒告诫书

林芝市市场监督管理局: www.syjj.linzhi.gov.cn

2021年11月12日 05:38

为严格规范林芝市市场价格秩序,充分保护消费者合法权益,根据《中华人民共和国价格法》《中华人民共和国行政处罚法》等法律法规,现提醒告诫如下:

ཉིང་ཁྲི་གྲོང་ཁྱེར་ཁྲོམ་རའི་རིན་གོང་སྒྲིག་ལམ་ཚད་ལྡན་ནན་པོ་བཟོས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་བྱ་ཆེད།«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས»དང་།«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས»སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ད་ལྟ་དྲན་སྐུལ་དང་བསླབ་བྱ་གཤམ་གསལ།

一、严格遵守价格法律法规政策。全市广大经营者、个人要以民生为重,严格遵守《中华人民共和国价格法》《关于商品和服务实行明码标价的规定》《制止牟取暴利的暂行规定》等价格法律、法规,自觉加强价格行为自律,诚信依法经营。

གཅིགརིན་གོང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྲིད་ཇུས་ལ་བརྩི་སྲུང་ནན་པོ་བྱ་དགོས།གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཉེར་སྐྱོང་པ་དང་མི་སྒེར་གྱིས་དམངས་འཚོར་མཐོང་ཆེན་བྱས་ནས«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས»དང་།«ཚོང་ཟོག་དང་ཞབས་ཞུའི་སྐོར་གྱི་རིན་གོང་ཁ་གསལ་འགོད་རྒྱུའི་གཏན་འབེབས»«ཚུལ་མིན་ཁེ་ཆེན་རག་ཐབས་ལ་བཀག་འགོག་བྱ་རྒྱུའི་གནས་སྐབས་ལག་བསྟར་གཏན་འབེབས»སོགས་རིན་གོང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ།རང་འགུལ་ངང་རིན་གོང་བྱ་སྤྱོད་ཀྱི་རང་གཅུན་ལ་ཤུགས་སྣོན་རྒྱག་པ་དང་ཡིད་རྟོན་ངང་ཁྲིམས་ལྟར་གཉེར་སྐྱོང་བྱ་དགོས།

二、合理合法制定价格。全市广大经营者、个人,要切实履行社会责任,遵循公平合法和诚实信用的原则,对米、面、粮、油、肉、蛋、菜、奶、药品、口罩、消毒液以及餐饮、住宿、住宅租赁、非住宅用房(商业铺面)租赁等主要民生商品、服务项目,要合法合理制定价格,确保现行价格只降不升,依法合规经营。

གཉིས།ལུགས་མཐུན་དང་ཁྲིམས་མཐུན་གྱི་སྒོ་ནས་རིན་གོང་གཏན་འབེབས་བྱ་དགོས།གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཉེར་སྐྱོང་པ་དང་མི་སྒེར་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་དྲང་གཞག་ཁྲིམས་མཐུན་དང་ཟོལ་མེད་ཡིད་རྟོན་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས།འབྲས་དང་གྲོ་ཞིབ།འབྲུ་རིགས།ཟ་སྣུམ།སྒོ་ང་།སྔོ་ཚལ།འོ་མ།སྨན་རྫས།ཁ་རས།དུག་སེལ་གཤེར་ཁུ།བཟའ་བཏུང་དང་།ཞག་སྡོད།སྡོད་ཁང་བོགས་གཏོང་།སྡོད་ཁང་མིན་པའི་ཁང་པ་(ཚོང་གཉེར་གྱི་ཚོང་ཁང་)བོགས་གཏོང་སོགས་དམངས་འཚོའི་ཚོང་ཟོག་གཙོ་བོ་དང་ཞབས་ཞུའི་རྣམ་གྲངས་ཐད་ཁྲིམས་མཐུན་ལུགས་མཐུན་ངང་རིན་གོང་བཟོ་བ་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་རིན་གོང་བཅག་ནས་མི་སྤར་བ།ཁྲིམས་ལྟར་གཉེར་སྐྱོང་བྱེད་དགོས།

三、坚决维护市场价格秩序。全市广大经营者、个人要维护市场稳定,做到明码标价,不得通过串通涨价、垄断价格、散布涨价信息,哄抬价格等方式推动商品价格上涨,扰乱市场价格秩序。

གསུམ།ཚོང་རའི་རིན་གོང་གི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས།གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཉེར་སྐྱོང་པ་དང་མི་སྒེར་གྱིས་ཚོང་ར་བརྟན་གནས་ཡོང་བར་སྲུང་སྐྱོང་བྱས་ནས་རིན་གོང་གསལ་པོ་འགོད་དགོས་པ་ལས་ལྐོག་འབྲེལ་བྱས་ནས་རིན་གོང་སྤར་བ་དང་།རིན་གོང་སྒེར་སྡེམ་བྱས་པ།གང་བྱུང་གིས་རིན་གོང་འཕར་བའི་ཆ་འཕྲིན་ཁྱབ་སྤེལ་གཏོང་བ།རིན་གོང་ཧམ་སྤོར་སོགས་ཀྱི་བྱེད་ཐབས་བརྒྱུད་ཚོང་ཟོག་གི་རིན་གོང་མཐོ་དྲགས་པ་དང་།རིན་གོང་འཕར་ཚད་མགྱོགས་པ་སོགས་ཁྲོམ་རའི་རིན་གོང་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད་སྤེལ་མི་ཆོག

四、严厉打击价格违法行为。市场监管部门将进一步加强市场价格监督检查工作,对价格违法行为,将依据《中华人民共和国价格法》《价格行为行政处罚规定》等,没收违法所得,并处违法所得5倍以下的罚款;没有违法所得的,最高可处500万元的罚款;情节严重的,责令停业整顿,或者吊销营业执照;影响恶劣的,及时曝光典型案例;对于严重扰乱市场秩序构成犯罪的,移交公安机关,依法追究刑事责任。

བཞི།རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ།ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པས་ཁྲོམ་རའི་རིན་གོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།རིན་གོང་ཐད་ཁྲིམས་འགལ་བྱེད་སྤྱོད་ལ་«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས»དང་«རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་ཕྱོགས་སྐོར་གྱི་གཏན་འབེབས་»སོགས་གཞིར་བཟུང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད།ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།ཁྲིམས་འགལ་གྱི་ཐོབ་ཆ་མེད་ཚེ་མཐོ་ཤོས་ལ་སྒོར་ཁྲི་500ཡི་དངུལ་ཆད་འགེལ་རྒྱུ།ཉེས་ཚབས་ཆེ་རིགས་ལ་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུའམ་ཡང་ན་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ།ཤུགས་རྐྱེན་ངན་པ་བཟོས་རིགས་དེར་དཔེ་མཚོན་གྱི་གྱོད་གཞི་དམར་རྗེན་དུ་འདོན་རྒྱུ།ཚོང་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་ནས་བྱས་ཉེས་སུ་གྲུབ་རིགས་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ནས་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་རྒྱུ།

社会各界要积极参与市场价格监督,一经发现价格违法行为,请第一时间通过12315平台进行投诉举报。

སྤྱི་ཚོགས་ལས་རིགས་ཁག་གིས་ཚོང་རའི་རིན་གོང་ལ་ལྟ་སྐུལ་ཧུར་ཐག་བྱས་ནས་གལ་ཏེ་རིན་གོང་ཐད་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པ་ཤེས་ཚེ།དང་པོ་ནས་12315ལས་སྟེགས་བརྒྱུད་དེ་ཞུ་གཏུག་ཐེར་འདོན་བྱེད་དགོས།


林芝市市市场监督管理局

ཉིང་ཁྲི་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་

扫一扫在手机打开当前页

【字体:

打印本文

相关信息

更多+